འ་ནཱི་ཡོངས་འབྲེལ་འདི་གིས་ ཞབས་ཏོག་ཁག་གཉིས་སྦེ་ཕུལཝ་ཨིན། དེ་ཡང་ དང་པ་ ཨེཆ་ཨའི་ཝི་འཐོབ་ནི་གི་ཉེན་ཁ་ཡོད་པའི་བྱ་བ་སྤྱོད་ལམ་ཚུ་ དྲི་བའི་ཐོག་ལས་དབྱེ་ཞིབ་འབད་ནི་དང་ ཨེཆ་ཨའི་ཝི་བརྟག་དཔྱད་ཀྱི་དོན་ལུ་ དུས་སྟབས་བཟོ་ནི་འདི་ཨིན། ཨེཆ་ཨའི་ཝི་འཐོབ་ནི་གི་ ཉེན་ཁ་ཡོད་པའི་བྱ་བ་སྤྱོད་ལམ་ཚུ་ དྲི་བའི་ཐོག་ལས་དབྱེ་ཞིབ་འབད་མི་འདི་གིས་ ཁྱོད་རའི་ཕོ་མོའི་དབྱེ་བ་དང་ ཁྱོད་ཀྱིས་ལུས་འབྲེལ་ག་དང་གཅིག་ཁར་ འབད་ནི་ལུ་དགའཝ་ཨིན་ན་ དེ་ལས་ གཞན་བྱ་བ་སྤྱོད་ལམ་ཚུ་ལས་བརྟེན་ ཨེཆ་ཨེའི་ཝི་ཐོབ་ནི་ཉེན་ཁའི་གནས་ཚད་ཚུ་ ཤེས་ཚུགསཔ་ཨིན། ཨེཆ་ཨེའི་ཝི་བརྟག་དཔྱད་ཀྱི་དོན་ལུ་ དུས་སྟབས་བཟོ་ནི་གི་ ཞབས་ཏོག་ལག་ལེན་ཐོག་ལས་ ཁྱོད་རའི་ཉེ་འདབས་ལུ་ཡོད་པའི་ བརྟག་དཔྱད་ལྟེ་བ་ཚུ་གདམ་ཁ་རྐྱབ་ཚུགས།
>གོང་ལུ་བཀོད་དེ་ཡོད་པའི་ཞབས་ཏོག་གཉིས་ཀྱི་མ་ཚད་ གཞན་ཡང་ ཨེཆ་ཨའི་ཝི་དང་འབྲེལ་བའི་ ཁག་ཆེ་བའི་གནས་ཚུལ་ཚུ་འཐོབ་ཚུགས་ནི་དང་ དེ་ལས་ ཨེཆ་ཨེའི་ཝི་དང་ཨེཌིསི་ལ་སོགས་པ་ཚུ་གི་ ཞིབ་འཚོལ་སྙན་ཞུ་ཚུ་ཡང་ཐོབ་ཚུགསཔ་ཨིན།.
པར་དབང་ གསོ་བའི་ལྷན་ཁག། པར་དབང་ཧྲིལ་བུ་ལྷན་ཁག་ལུ་ཡོདཔ་ཨིན།