ཁ་ཚིག་དང་གནས་ཚིག།

Access2care ཡོངས་འབྲེལ་འཆར་སྒོ་ནང་ བྱོན་པ་ལེགས་སོ།

འ་ནཱི་ཞབས་ཏོག་གནས་ཚིག་གིས་ Access2care ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་ནི་གི་ སྒྲིག་ལམ་དང་ཁྲིམས་ལུགས་ཚུ་ ཁ་གསལ་སྟོནམ་ཨིན།

Acess2care ཡོངས་འབྲེལ་འཆར་སྒོ་འདི་ ཐིམ་ཕུག་ཀ་ཝང་བྱང་ས་ལུ་ གསོ་བའི་ལྷན་ཁག་གི་ ཡིག་ཚང་ལྟེ་བ་ནང་ཆགས་ཏེ་ཡོད།

འ་ནཱི་ཡོངས་འབྲེལ་འཆར་སྒོ་འདི་ ལག་ལེན་འཐབ་ད་ལུ་ ཁྱོད་ཀྱིས་འདི་ནང་ཡོད་པའི་ ཞབས་ཏོག་གནས་ཚིག་ལུ་ ངོས་ལེན་ཡོདཔ་སྦེ་སྟོནམ་ཨིན། གལ་སྲིད་ ཞབས་ཏོག་གནས་ཚིག་འདི་ལུ་ ངོས་ལེན་མེད་པ་ཅིན་ ཡོངས་འབྲེལ་འཆར་སྒོ་འདི་ལག་ལེན་འཐབ་ནི་མི་འོང་།

ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་ ངོ་སྤྲོད་ཁ་གསལ་སྐོར།

འ་ནཱི་ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་ནིའི་དོན་ལས་ ཁྱོད་ཀྱིས་འོག་ལུ་འཁོད་དེ་ཡོད་པའི་ གནས་ཚིག་ཚུ་ལུ་ངོས་ལེན་འབད་དགོཔ་ཨིན།

  • ཡོངས་འབྲེལ་འཆར་སྒོ་ནང་ ཐོ་བཀོད་འབད་བའི་སྐབས་ ཁྱོད་རའི་ངོ་སྤྲོད་ཁ་གསལ་དང་གནས་ཚུལ་ཚུ་ ག་ར་ཚངམ་སྦེ་ ཀྲིག་ཀྲི་སྦེ་ བདེན་པ་ཨིན་པའི་ངོས་ལེན་འབདཝ་ཨིན།
  • ཁྱོད་ཀྱིས་ ཡོངས་འབྲེལ་འཆར་སྒོ་གི་ ཁ་ཚིག་དང་གནས་ཚིག་ཚུ་ཁྲིམས་ལུགས་ལྟར་ སྤྱོད་ནི་གི་ལྕོགས་གྲུབ་ཡོདཔ་སྦེ་ངོས་ལེན་འབདཝ་ཨིན།
  • ཁྱོད་ཀྱིས་ཡོངས་འབྲེལ་འཆར་སྒོ་འདི་ ཁྲིམས་འགལ་དང་ གནང་བ་མེད་པའི་ཐོག་ལས་ ལག་ལེན་མི་འཐབ་ནིའི་ངོས་ལེན་ཡོདཔ་ཨིན།

ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་གི་གནས་སྡུད།

ཁྱོད༌ཀྱིས༌ཡོངས༌འབྲེལ་འཆར་སྒོ་ ལག་ལེན་འཐབ་ད་ ཁྱོད་རའི་ངོ་སྤྲོད་ཁ་གསལ་དང་གནས་ཚུལ་ཚུ་ གསོ་བའི་ལྷན་ཁག་གིས་ ཡོངས་འབྲེལ་འཆར་སྒོ་འཛིན་སྐྱོང་འབད་ནིའི་དོན་ལུ་ ལག་ལེན་འཐབ་འོང་། གནས་སྡུད་ཁ་གསལ་ཚུ་ གསོ་བའི་ལྷན་ཁག་གིས་ གློག་རིག་ཐབས་ཤེས་དང་འཁྲིལ་ དུས་རྒྱུན་དུ་བསྲུང་བཞག་མི་འདི་ ཁྱོད་རའི་ངོས་ལེན་གྱི་ཐོག་ལས་བྱིནམ་ལས་བརྟེན་ཨིན།

གློག་རིག་ཡོངས་འབྲེལ་གྱི་ཐབས་རིག།

ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གིས་ ཡོངས་འབྲེལ་འཆར་སྒོ་ནང་ཐོ་བཀོད་འབད་ཡོདཔ་ཤེས་ནིའི་དོན་ལས་ གློག་རིག་ཡོངས་འབྲེལ་གྱི་ཐབས་རིག་ (cookies) ལག་ལེན་འཐབ་ཨིན། ཐབས་རིག་ (cookies) འདི་གིས་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གིས་ ཡོངས་འབྲེལ་འཆར་སྒོ་ནང་ ཚར་གཅིག་ལས་ལྷག་ ཐོ་བཀོད་འབད་མ་དགོ་པར་ དུས་ཚོད་ཆུ་ཟད་མི་འགྱོ་ནིའི་ཁེ་ཕན་ཡོདཔ་ཨིན། ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གིས་ ཐབས་རིག་ (cookies) འདི་ ངོས་ལེན་མེདཔ་བཟོ་ནིའི་གདམ་ཁ་ཡོདཔ་ཨིན། ཐབས་རིག་ (cookies) ངོས་ལེན་མེདཔ་བཟོ་སྟེ་འབད་རུང་ ཡོངས་འབྲེལ་འཆར་སྒོ་འདི་ལག་ལེན་འཐབ་ཚུགསཔ་ཨིན། ཨིན་རུང་ ཡོངས་འབྲེལ་འཆར་སྒོ་ནང་ཡོད་པའི གློག་རིག་རིམ་ལུགས་གཞན་ཚུ་ ལག་ལེན་འཐབ་མ་ཚུགསཔ་མ་ཚད་ རང་གི་བསམ་འཆར་ཡང་བཀོད་མི་ཚུགསཔ་ཨིན། ཐབས་རིག་ (cookies) འདི་གིས་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་ ངོ་སྤྲོད་ཁ་གསལ་ དཔེར་ན་ རང་གི་མིང་དང་ གློག་འཕྲིན་ཁ་བྱང་ཚུ་ བསྡུ་ལེན་འབད་ནི་མེད། ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་ ཐབས་རིག་ (cookies)འདི་ལུ་ ངོས་ལེན་ཡོད་པ་ཅིན་ ཁོང་རའི་ངོ་སྤྲོད་ཁ་གསལ་ཚུ་ གཞན་ལུ་ཚོང་བསྒྲགས་འབད་ནིའི་ཉེན་ཁ་མེདཔ་ཨིན།

ཆོག་ཐམ།

ཡོངས་འབྲེལ་འཆར་སྒོ་འདི་ནང་ཡོད་པའི་ རྒྱུ་ཆས་ཀྱི་བློ་རིག་རྒྱུ་དངོས་དབང་ཆ་འདི་ Access2care གི་དབང་འཛིན་འོག་ལུ་ཡོདཔ་ཨིན། ཡོངས་འབྲེལ་འཆར་སྒོ་ནང་ལུ་ཡོད་པའི་ཡིག་ཆ་ཚུ་ སྒེར་གྱི་དོན་ལུ་འདྲ་པར་ཚུ་བཏབ་ཆོག་རུང་ གཞན་ལུ་ལོག་བཀྲམ་སྤེལ་འབད་ནི་དང་ ཡིག་ཆ་ཅོག་གཅིགཔ་བཟོ་ནི་ དེ་ལས་ གནས་ཚུལ་བཙོང་ནི་ཚུ་འབད་མ་ཆོགཔ་ཨིན།

ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་བསམ་འཆར།

ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གིས་ འདི་ནང་ལུ་ རང་གི་བསམ་འཆར་བཀོད་ནི་དང་ བརྗེ་སོར་འབད་བཏུབ་ཨིན། བསམ་འཆར་ཚུ་བཀོདཔ་ད་ལུ་ ཡོས་འབྲེལ་འཆར་སྒོའི་འཛིན་སྐྱོང་པ་ཚུ་གིས་ ཞིབ་དཔྱད་འབད་ནི་དང་ བཅོ་ཁ་རྐྱབ་ནི་མེདཔ་ཨིན། བསམ་འཆར་བཀོད་མི་ཚུ་ མི་ངོམ་ཁོང་རའི་ མནོ་བསམ་སྦེ་ཆ་བཞགཔ་ཨིན། གལ་སྲིད་ བསམ་འཆར་ཚུ་ལུ་བརྟེན་ཏེ་ གྱོང་རྒུད་ཕོག་ནི་དང་ གཞན་ལུ་གནོད་པ་བཀལ་ནི་ལ་སོགས་པའི་ སྟབས་མ་བདེཝ་རེ་འབྱུང་པ་ཅིན་ ཡོངས་འབྲེལ་འཆར་སྒོའི་འཛིན་སྐྱོང་པ་ཚུ་གི་ ཉེན་ཁ་དང་འགན་འཁྲི་མི་འབག།

གལ་སྲིད་ བསམ་འཆར་བཀོད་དེ་ཡོད་མི་ཚུ་ ཚུལ་མིན་སྦེ་མཐོང་ནི་ ཡང་ན་ ཡོངས་འབྲེལ་འཆར་སྒོའི་གནས་ཚིག་ལས་འགལ་བ་ཨིན་པ་ཅིན་ ཡོངས་འབྲེལ་འཆར་སྒོའི་འཛིན་སྐྱོང་པ་ཚུ་གིས་ བསམ་འཆར་དེ་ཚུ་ བཏོན་བཏང་ནི་གི་དབང་ཆ་ཡོདཔ་ཨིན།

ཡོངས་འབྲེལ་འཆར་སྒོའི་ནང་དོན་དང་ འབྲེལ་མཐུད་འབད་ཐངས།

ལས་སྡེ་ལ་ལུ་ཅིག་གིས་ ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་དང་གཅིག་ཁར་ ཡིག་ཐོག་གནང་བ་མེད་པའི་ཐོག་ལས་ འབྲེལ་མཐུད་འབད་བ་ཅིན་ གཤམ་ལུ་འཁོད་དེ་ཡོད་པའི་ གནད་དོན་ཚུ་ལུ་རྐྱངམ་ཅིག་ ངོས་ལེན་ཡོདཔ་ཨིན།

  • འབྲེལ་མཐུད་འབད་བའི་གནད་དོན་ཚུ་ མགུ་སྐོར་མེནམ།
  • འབྲེལ་མཐུད་འབད་མི་ལས་སྡེ་ཚུ་གིས་ མ་བདེན་པའི་ཐོག་ལས་ མ་དངུལ་རྒྱབ་སྐྱོར་དང་ ཆ་འཇོག་ ཡང་ན་ ཁོང་རའི་ཚོང་འབྲེལ་དང་འབྲེལ་བའི་ ཅ་ཆས་དང་ཞབས་ཏོག་ཚུ་དང་གཅིག་ཁར་ ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་འདི་ འབྲེལ་བ་མེདཔ་སྦེ་སྟོན་ནི།
  • ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་འདི་ འབྲེལ་མཐུད་འབད་མི་ལས་སྡེ་ཚུ་གིས་ དམིགས་ཡུལ་དག་འབྲེལ་བ་ཡོད་པ་ཅིན།

ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་དང་གཅིག་ཁར་ འབྲེལ་མཐུད་འབད་དགོ་པ་ཅིན་ གསོ་བའི་ལྷན་ཁག་ལས་ ཡིག་ཐོག་གནང་བ་ལེན་དགོཔ་ཨིན། འབྲེལ་མཐུན་འབད་མི་ལས་སྡེ་ཚུ་གི་ ཡོངས་འབྲེལ་འཆར་སྒོ་ནང་ ཡོད་པའི་གནད་དོན་ཚུ་ལུ་ གསོ་བའི་ལྷན་ཁག་གི་ ཉེན་ཁ་དང་འགན་འཁྲི་འབག་མི་ཚུགས། ལས་སྡེ་གཞན་ཚུ་གིས་ ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་དང་གཅིག་ཁར་ འབྲེལ་མཐུན་འབདཝ་ལས་བརྟེན་ ཐོབ་བརྩི་རྐྱབ་དགོ་པའི་སྟབས་མ་བདེཝ་རེ་འབྱུང་པ་ཅིན་ འ་ནཱི་ལས་སྡེ་ཚུ་གིས་ གསོ་བའི་ལྷན་ཁག་ལུ་ ཉེན་ཁ་ག་ནི་ཡང་མེདཔ་སྦེ་ ངོས་ལེན་དང་འགན་ཁུར་འབག་དགོཔ་ཨིན།

འབྲེལ་བ་མེད་པའི་གནད་དོན་ཚུ་ ང་བཅས་རའི་ཡོངས་འབྲེལ་འཆར་སྒོ་ནང་བཙུགས་ནི།

མི་ངོམ་དང་ལས་སྡེ་ག་རང་འབད་རུང་ འབྲེལ་བ་མེད་པའི་གནད་དོན་ཚུ་ གློག་རིག་ཐབས་ཤེས་ཐོག་ལས་ ང་བཅས་རའི་ཡོངས་འབྲེལ་འཆར་སྒོ་ནང་བཙུགས་ནི་ ཡང་ན་ ང་བཅས་རའི་ཡོངས་འབྲེལ་འཆར་སྒོའི་ མཛེས་ཆ་ཚུ་མེདཔ་བཏང་ནི་ ལ་སོགས་པ་ གནང་བ་མེད་པའི་ལཱ་ཚུ་འབད་མི་ཆོག།

རྒུད་འཐུས་སྤྲོད་ནིའི་ཁས་ལེན།

གཤམ་ལུ་འཁོད་དེ་ཡོད་མི་ གནད་དོན་ཚུ་ལུ་བརྟེན་ གསོ་བའི་ལྷན་ཁག་ལུ་སྟབས་མ་བདེཝ་རེ་འབྱུང་པ་ཅིན་ འདི་གི་རྒུད་འཐུས་ཚུ་ག་ར་ གནོད་པ་བཀལ་མི་ལུ་ཕོག་ནི་ཨིནམ་མ་ཚད་ རྩོད་གཞི་ཕྱེ་ནིའི་རྒྱབ་མི་གི་འཐུས་ཚུ་ཡང་སྤྲོད་དགོཔ་ཨིན།

  • ཁྱོད་རའི་ངོ་སྤྲོད་ཁ་གསལ་དང་གནས་ཚུལ་ལུ་བརྟེན།
  • ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ལུ་བརྟེན།
  • ཡོངས་འབྲེལ་འཆར་སྒོའི་ཁ་ཚིག་དང་གནས་ཚིག་ཚུ་འགལ་བ་ལུ་བརྟེན།
  • ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་ད་ལུ་ ཁྱོད་རའི་ངོས་ལེན་དང་འགན་ཁྲི་འགལ་བ་ལུ་བརྟེན།
  • ཁྱོད་ཀྱིས་གཞན་ལས་སྡེ་ཚུ་གི་ བློ་རིག་རྒྱུ་དངོས་དབང་ཆ་ལུ་བརྩི་འཇོག་མེད་མི་ལུ་བརྟེན།
  • ཁྱོད་ཀྱིས་ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ མི་གཞན་ཚུ་ལུ་ གནོད་པ་བཀལ་བ་ལུ་བརྟེན།

ཡོངས་འབྲེལ་འཆར་སྒོ་ནང་ཡོད་པའི་གནས་ཚུལ་དང་ཞབས་ཏོག་ཚུ་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་ལུ་ རིན་མེད་སྟོང་པ་སྦེ་བྱིན་དོ་ཡོདཔ་ལས་ གལ་སྲིད་ འདི་ཚུ་གིས་ ལག་ལེན་པ་ཚུ་ལུ་གྱོང་རྒུད་དང་གནོད་པ་རེ་བཀལ་བ་ཅིན་ གསོ་བའི་ལྷན་ཁག་གི་ འདི་གི་ཉེན་ཁ་དང་འགན་ཁྲི་ཚུ་མི་འབག།

ང་བཅས་དང་གཅིག་ཁར་འབྲེལ་བ་འཐབ་ས།

ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་དང་འབྲེལ་བའི་ ཉོག་བཤད་བཀོད་ནི་དང་ གནས་ཚུལ་ཁ་གསལ་གྱི་དོན་ལུ་ གཤམ་ལུ་འཁོད་དེ་ཡོད་པའི་ ཁ་བྱང་ཚུ་ནང་འབྲེལ་བ་འཐབ་གནང་།

གློག་འཕྲིན་ཁ་བྱང་ access2care@gmail.com

ཡོངས་འབྲེལ་འཆར་སྒོ་ www.access2care.bt

བརྒྱུད་འཕྲིན་ཨང་ +༩༧༥-༠༢-༣༣༦༠༤༢ དང་ ༣༢༩༠༨༧

འགྲེམས་ཐོག: འབྲུག་རྒྱལ་གཞུང་གསོ་བའི་ལྷན་ཁག། མི་མང་གསོ་བའི་ལས་ཁུངས། རྒྱལ་ཡོངས་ཨེཆ་ཨའི་ཝི་ཨེཌིསི་བཀག་ཐབས་ལས་རིམ་ (NACP)། ཐིམ་ཕུག་ ཀ་ཝང་བྱང་ས།