༉ གསོ་བའི་ལྷན་ཁག་གིས་ འདས་པའི་ཟླཝ་༥གི་ནང་ ནད་འབུཔ་ ཨེཆ་ཨའི་ཝི་འཐོབ་སྟེ་ཡོད་མི་ མི་ངོམ་༢༢ངོས་འཛིན་འབད་ནུག འདི་ཡང་ ཕོ་སྐྱེས་༡༣དང་ ཨམ་སྲུ་༩ཨིན་མས།
༉ གསོ་བའི་ལྷན་ཁག་གིས་ ད་རིས་ ཇ་པཱན་གཞུང་ལས་ དངུལ་ཀྲམ་ས་ཡ་༡༠རེ་གནས་མི་ ནདཔ་སྐྱེལ་ལེན་འབད་ནིའི་ སྣུམ་འཁོར་༡༢ གྲོགས་རམ་སྦེ་འཐོབ་ཡོདཔ་ཨིན།
༉ རྒྱལ་ཁབ་ནང་ལུ་ ནད་འབུཔ་ཨེཆ་ཨའི་ཝི་ཁྱབ་སྤེལ་འགྱོ་ནི་ལས་ བཀག་མ་ཚུགས་མི་འདི་ཡང་ ནད་གཞི་འདི་ལུ་ རྣམ་རྟོག་དང་ཕྱོགས་རིས་སྐྱེད་ནི་འདི་གིས་ཨིནམ་སྦེ་ གསལ་སྟོན་བྱུང་སྟེ་འདུག།
པར་དབང་ གསོ་བའི་ལྷན་ཁག། པར་དབང་ཧྲིལ་བུ་ལྷན་ཁག་ལུ་ཡོདཔ་ཨིན།