འདས་པའི་ཟླཝ ༥འི་ནང་འཁོད (སྤྱི་ཟླ་ ༧ ལས ༡༡པ) ནང་ གསོ་བའི་ལྷན་ཁག་གིས་མི་གྲངས་གསརཔ་
ཨེཆ་ཨའི་ཝི་དང་གཞན་ལུས་འབྲེལ་བརྟེན་པའི་ནད་གཞི་ཚུ་ བཀག་ཐབས་འབད་ནིའི་ཐབས་ལམ་ག་ཅི་ར་ཡོདཔ་སྨོ
རང་ལུ་ནད་འབུཔ་ཨེཆ་ཨེའི་ཝི་ཡོད་ག་མེད་ག་ ཤེས་དགོ་པ་ཅིན་ བརྟག་དཔྱད་འབད་ནི་འདི་ཁག་ཆེཝ་ཨིན།
ཨེཆ་ཨེའི་ཝི་གི་སྨན་བཅོས་ཞབས་ཏོག་ཚུ་ རྒྱལ་ཁབས་ནང་ལུ་ཡོད་པའི་ སྨན་ཁང་ག་ར་ནང་ལས་ཐོབ་ཚུགསཔ་མ་ཚད་
སྤྱི་ལོ་༢༠༠༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་ཤོག་གནང་མི་དང་འཁྲིལ་བ་ཅིན་
ལུས་འབྲེལ་ལས་སྤེལ་བའི་འབུ་ནད་ཟེར་མི་འདི་ ནད་འབུཔ་ཡོད་པའི་མི་དང་གཅིག་ཁར་ ཉེན་སྲུང་མེད་པའི་ལུས་འབྲེལ་འབད་བའི་སྐབས་
ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་མང་ཤོས་ཅིག་གིས་ དྲི་བ་བཀོད་མི་ཚུ་ ང་བཅས་ཀྱིས་ མདོར་བསྡུས་སྦེ་ལན་རྐྱབ་མི་ཚུ་ འོག་ལུ་བཀོད་དེ་ཡོད། གལ་སྲིད་ དྲི་བ་གཞན་ཡོད་པ་ཅིན་ ང་བཅས་དང་འབྲེལ་བ་འཐབ་གནང་།
ག་དེམ་ཅིག་སྦེ་ ཁྱོད་ཀྱིས་མི་ལེ་ཤ་དང་གཅིག་ཁར་ ཉེན་སྲུང་མེད་པའི་ལུས་འབྲེལ་འབད་འབདཝ་ཡོད་པ་ཅིན་ ཨེཆ་ཨའི་ཝི་གི་བརྟག་དཔྱད་འབད་དགོཔ་མ་ཚད་ གཞན་ལུས་འབྲེལ་ལས་བརྟེན་པའི་ནད་གཞི་(STIs)གི་རྟགས་མཚན་ དཔེར་ན་ ཆུ་གཏང་པའི་སྐབས་ ན་ཟུག་རྐྱབ་ནི་དང་ གཟུགས་ཁར་སྤོ་རོ་འཐོན་ནི་ དེ་ལས་ མོ་མཚན་ནང་ལས་རྣག་ལ་སོགས་པ་ཚུ་འཐོན་པ་ཅིན་ འདི་འཕྲོ་ལས་ ཉེས་འདབས་ལུ་ཡོད་པའི་སྨན་ཁང་ནང་སོང་སྟེ་ ཨེཆ་ཨའི་ཝི་དང་ གཞན་ལུས་འབྲེལ་ལས་བརྟེན་པའི་ནད་གཞི་ཚུ་གི་བརྟག་དཔྱད་འབད་དགོཔ་ཨིན།
ནད་འབུཔ་ཨེཆ་ཨའི་ཝི་བརྟག་དཔྱད་ཀྱི་ཞབས་ཏོག་འདི་ ཁྱོད་རའི་ཉེས་འདབས་ལུ་ཡོད་པའི་ སྨན་ཁང་དང་ ཁྲོམ་སྦོམ་ནང་ཡོད་པའི་ གསོ་བའི་བརྡ་དོན་དང་ཞབས་ཏོག་ལྟེ་བ་ནང་ལས་ འཐོབ་ཚུགསཔ་མ་ཚད་ སྒེར་གྱི་བརྟག་དཔྱད་ཁང་ནང་ལས་ཡང་འཐོབ་ཚུགསཔ་ཨིན། ལྷག་པར་དུ་ འ་ནཱི་ཡོངས་འབྲེལ་འཆར་སྒོའི་ཐོག་ལས་ བརྟག་དཔྱད་འབད་ནིའི་དུས་སྟབས་བཟོ་ཚུགས།
ནད་འབུཔ་ཨེཆ་ཨའི་ཝི་འདི་སྤྱིར་བཏང་མི་ག་ར་གིས་འཐོབ་ནིའི་ཉེན་ཁ་ཡོདཔ་ཨིན། དེ་ཡང་ གཙོ་བོ་ ཉེན་སྲུང་མེད་པའི་ལུས་འབྲེལ་འབད་ནི་དང་ སྨྱོ་རྫས་ཀྱི་ཁབ་ཚུ་ གཅིག་ཁར་རུབ་སྟེ་ལག་ལེན་འཐབ་ནི་ དེ་ལས་ ནད་འབུཔ་ཨེཆ་ཨེའི་ཝི་ཡོད་པའི་ཁྲག་ཚུ་ ནད་འབུཔ་ཨེཆ་ཨེའི་ཝི་མེད་པའི་མི་གི་ཁྲག་དང་གཅིག་ཁར་ འབྲེལ་བ་འབྱུང་པ་ཅིན་ཐོབ་ཨིན། ནད་འབུཔ་ཨེཆ་ཨའི་ཝི་འདི་ ག་ར་ལུ་འཐོབ་ནིའི་ཉེན་ཁ་ཡོད་པའི་ཁར་ དམིགས་བསལ་ མི་རློབས་ ཕོ་དང་ཕོ་ལུས་འབྲེལ་འབད་མི་དང་ ཕོ་མོ་གཉིས་ཆ་ར་དང་གཅིག་ཁར་ལུས་འབྲེལ་འབད་མི་ཚུ་ལུ་ ཐོབ་ནིའི་ཉེན་ཁ་སྦོམ་ཡོད།
ནད་འབུཔ་ཨེཆ་ཨའི་ཝི་འགོ་དང་པ་ཐོབ་ཚར་ཏེ་ བདུན་ཕྲག་ ༢ དང་ ༤ གི་ནང་འཁོད་ ཚ་རིམས་དང་འདྲ་བའི་བརྟག་མཚན་གཟུགས་དྲོད་འབར་ནི་དང་ གྱང་ཤུགས་རྐྱབ་ནི་ དེ་ལས་ གཟུགས་ཁར་སྤོ་རོ་འཐོན་ནི་ལ་སོགས་པའི་ རྟགས་མཚན་ཚུ་སྟོནམ་ཨིན། འ་ནཱི་རྟགས་མཚན་ཚུ་ ནད་འབུཔ་ཐོབ་ཚར་ཏེ་ བདུན་ཕྲག་དག་པ་ཅིག་གི་རིང་ལུ་སྟོན་སྡོད་འོང་། ནད་འབུཔ་ཨེཆ་ཨའི་ཝི་གིས་ རང་གི་གཟུགས་ཀྱི་སྟོབས་ཤུགས་མར་ཉམས་བཏང་པའི་སྐབས་ ཉམས་ཤོར་ནི་དང་ དྲོད་འབར་ནི་ ཨ་ཝ་བཤལ་བའི་རྟགས་མཚན་ཚུ་སྟོནམ་ཨིན། ཨེཆ་ཨེའི་ཝི་འདི་སྨན་བཅོས་མ་འབད་བ་ལོ་ངོ་བཅུ་ཐམ་ལྷག་སོ་པ་ཅིན་ ནད་གཞི་ཨེཌེསི་ལུ་འགྱུརཝ་ཨིན། དེ་བསྒང་ ནད་གཞི་ཚབས་ཆེན་མ་འདྲཝ་དཔེར་ན་ བད་ཀན་ནད་གཞི་དང་ ཀེན་སར་ལ་སོགས་པ་ཚུ་གིས་ རང་གི་གཟུགས་ཁར་བཏབ་སྟེ་ ན་ཚ་འབྱུངམ་ཨིན།
ག་དེམ་ཅིག་སྦེ་ ཨེཆ་ཨའི་ཝི་ཡོད་མི་ མི་ཅིག་དང་གཅིག་ཁར་ ཉེན་སྲུང་མེད་པའི་ལུས་འབྲེལ་འབད་བའི་སྐབས་ མི་འདི་གི་ཁྲག་དང་བརྡར་ཁུ་ ཡང་ན་ ཨོམ་གྱི་རིགས་ཚུ་ ནད་འབུཔ་མེད་པའི་མི་གི་ཁྲག་དང་གཅིག་ཁར་འབྲེལ་བ་འབྱུང་པ་ཅིན་ རང་ལུ་ཨེཆ་ཨའི་ཝི་འདི་ཐོབ་ཨིན། དེ་མ་ཚད་ ཨ་ལུ་སྐྱེ་ནི་ཡོད་པའི་ཨའི་དང་ཨམ་སྲུ་ཚུ་ལུ་ ནད་འབུཔ་ཨེཆ་ཨའི་ཝི་ཡོད་པ་ཅིན་ ནད་འབུཔ་འདི་ ཨ་ལུ་ཆགས་པའི་སྐབས་དང་ ཨ་ལུ་སྐྱེ་བའི་སྐབས་ དེ་ལས་ ཨའི་གིས་ཨོམ་བྱིན་པའི་སྐབས་ ཨ་ལུ་དེ་ལུ་སྤེལཝ་ཨིན། ལྷག་པར་དུ་ གཟུགས་ཁར་སྨྱོ་རྫས་ཀྱི་ཁབ་རྐྱབ་པའི་སྐབས་དང་ ཁབ་བཙབས་ཀྱི་རི་མོ་འབྲི་བའི་སྐབས་ ཁབ་ཀྱི་རིགས་ཚུ་གཅིག་ཁར་རུབ་སྟེ་ལག་ལེན་འཐབ་ད་ ནད་འབུཔ་ཨེཆ་ཨའི་ཝི་ཐོབ་ནིའི་ཉེན་ཁ་ཡོདཔ་ཨིན། ད་རུང་ ནད་འབུཔ་ཨེཆ་ཨའི་ཝི་ཡོད་མི་ཅིག་གི་ཁྲག་ གཞན་ནད་འབུཔ་མེད་མི་ཅིག་ལུ་བཙུགས་པ་ཅིན་ ནད་འབུཔ་འདི་སྤེལཝ་ཨིན།
ཨེཆ་ཨའི་ཝི་ཟེར་མི་འདི་ནད་གཞི་ཨིཌིས་ལུ༌འགྱུར༌བའི༌ནད༌འབུཔ་ཅིག་ཨིན། ཨེཆ་ཨའི་ཝི་གིས༌ རང་གི་གཟུགས་ཀྱི༌སྟོབས༌ཤུགས༌མར༌ཉམས༌གཏང༌སྟེ༌ ནད་གཞི་ཚུ་གཞན་ལས་བཀག་ཐབས་འབད་མ་ཚུགསཔ་བཟོཝ་ཨིན། ག་དེམ་ཅིག་སྦེ་ ཨེཆ་ཨའི་ཝི་འདི་དུས་ཚོད་ཁར་སྨན་བཅོས་མ་འབད་བ་ཅིན་ འདི་གིས་ནད་གཞི་ཨིཌིས་ལུ་གྱུརཝ་ཨིན།
Magnis malesuada curabitur blandit consectetur sit. Et ut quam sem purus aliquam dui quam. Nisl, aliquet vitae gravida at tristique. Ornare feugiat elit turpis vel bibendum.
3 years ago
Magnis malesuada curabitur blandit consectetur sit. Et ut quam sem purus aliquam dui quam. Nisl, aliquet vitae gravida at tristique. Ornare feugiat elit turpis vel bibendum.
3 years ago
Magnis malesuada curabitur blandit consectetur sit. Et ut quam sem purus aliquam dui quam. Nisl, aliquet vitae gravida at tristique. Ornare feugiat elit turpis vel bibendum. gravida at tristique. Ornare feugiat elit turpis vel bibendum.
3 years ago
པར་དབང་ གསོ་བའི་ལྷན་ཁག། པར་དབང་ཧྲིལ་བུ་ལྷན་ཁག་ལུ་ཡོདཔ་ཨིན།