འདས་པའི་ཟླཝ ༥འི་ནང་འཁོད (སྤྱི་ཟླ་ ༧ ལས ༡༡པ) ནང་ གསོ་བའི་ལྷན་ཁག་གིས་མི་གྲངས་གསརཔ་ ༢༢ (ཕོ་སྐྱེས་ ༡༣ དང་ ཨམ་སྲུ་ ༩) ལུ་ བརྟག་ཞིབ་ཐོག་ལས་ ནད་འབུབ་ ཨེཆ་ཨེའི་ཝི་ ཐོབ་ཡོད་པའི་ངོས་འཛིན་འབད་ཡོདཔ་ཨིན། ད་ལྟོ་མི་གྲངས་ ༢༢ ཀྱི་གྲལ་ལས་ མང་ཆེ་ཤོས་བརྒྱ་དཔྱ ༥༥% འདི་ལོ་ཚད་ ༣༠-༣༩ བར་ན་ཨིནམ་མ་ཚད་ ཉུང་མཐའ་ བརྒྱ་དཔྱ ༥% འདི་ལོ་ཚད་ ༦-༡༦ཚུན་གྱི་བར་ན་འབད་མི་ཚུ་གིས་འཐོབ་སྟེ་ཡོད།
འདི་བཟུམ་སྦེ་ ཁོང་ནད་འབུབ་ཐོབ་མི་ཚུ་རང་སོའི་ལཱ་གཡོག་གི་དབྱེ་བ་ལས་དཔྱད་པ་ཅིན་ མི་ངོམ་ ༦ དེ་ སོ་ནམ་ཞིང་པ་ཨིན་པས། དེ་ལས་ ཁྱིམ་ནང་སྡོད་མི་ཨམ་སྲུ་ ༥ དང་ སྒེར་སྡེ/ཚོང་ལཱ་ནང་ལཱ་འབད་མི་ཨམ་སྲུ་༥ ལུ་ནད་འབུབ་ཡོདཔ་སྦེ་ངོས་འཛིན་འབད་ཡོད། ད་རུང་ ཨ་ལུ་ ལོ་ན་ཆུང་ཀུ་ ༡ ཆོས་སྡེ་གི་མི་ངོམ་༡ གཞི་གཡོགཔ་༡ དང་ ལས་འཛིན་གྱི་མི་ངོམ་ ༡ ལུ་ཡང་ནད་འབུབ་ཡོདཔ་སྦེ་ བདའ་བཟུན་ཏེ་ཡོད།
ནད་འབུབ་འབུ་ཐངས་ཡང་ མི་ངོམ་༢༡ དེ་ ཉེན་སྲུང་མེད་པའི་ལུས་འབྲེལ་འབད་མི་ལུ་བརྟེན་ཏེ་ཨིན་པས། མི་ངོམ་༡ ལུ་འབད་བ་ཅིན་ ཨའི་ལས་བརྟེན་ཨ་ལུ་ལུ་འབུ་ཡོདཔ་ཨིན་པས། ད་རུང་མི་ངོམ་༩ འདི་སྨན་བཅོས་བརྟག་དཔྱད་འབད་བའི་སྐབས་ལུ་བདའ་བཟུན་ཡོདཔ་མ་ཚད་ མི་ངོམ་༦ འདི་ཁས་བླངས་ཐོག་བརྟག་དཔྱད་འབད་བའི་སྐབས་ལུ་ངོས་འཛིན་འབད་ཡོདཔ་ཨིན། དེ་ལས་ མི་ངོམ་༡ དེ་ ཨམ་སྲུ་ཨ་ལུ་སྐྱེ་ནི་ཡོད་མི་འཕྲོད་བསྟེན་བརྟག་དཔྱད་འབད་བའི་སྐབས་ལུ་ངོས་འཛིན་འབད་ཡོདཔ་ཨིན་པས།
Wussten Sie, dass viele Männer von gesundheitlichen Problemen betroffen sind, die ihre sexuelle Funktion beeinträchtigen können? Studien zeigen, dass Lebensstiländerungen oft eine signifikante Verbesserung der Symptome ermöglichen. Ein aktueller Trend ist der Einsatz von Medikamenten, die häufig für andere Zwecke verwendet werden, wie zum Beispiel die Möglichkeit, “”””clomid online kaufen””””. Dies kann helfen, das hormonelle Gleichgewicht zu fördern und damit die Libido zu steigern. Viele Betroffene suchen auch nach Informationen und Produkten online, um ihre Lebensqualität zu verbessern. Eine nützliche Quelle ist “”””https://abcgesundheit.com/clomid-onli..en/“”””, wo verschiedene Optionen zur Unterstützung angeboten werden.
ད་རེས་ཚུན་འཕྲལ་གྱི་གནས་སྟངས་འབད་བ་ཅིན་ གསོ་བའི་ལྷན་ཁག་ཧོངས་ལས་ ཁོང་ནད་འབུབ་ཡོདཔ་སྦེ་བདའ་བཟུན་མི་གེ་ར་ལུ་ བདག་འཛིན་དང་སྨན་བཅོས་ཀྱི་ཞབས་ཏོག་ཕུལ་ཏེ་ཡོད། སྤྱི་ལོ་ ༢༠༢༡ གི་ལོ་ནང་རང་ ནད་འབུབ་ཐོབ་ཡོད་པའི་མི་གྲངས་གསརཔ་ ༥༤ ངོས་འཛིན་འབད་ཡོདཔ་ཨིན།
སྤྱིར་བཏང་ རྒྱལ་ཁབ་ནང་ སྤྱི་ལོ་༡༩༩༣ ལས་ ༢༠༢༡ ཚུན་ ནད་འབུབ་ ཨེཆ་ཨེའི་ཝི་ཐོབ་ཡོད་པའི་གྱངས་ཁ་ཡོང་བསྡོམས་ ༧༧༣ (ཕོ་སྐྱེས་༤༠༡ དང་ ཨམ་སྲུ་ ༣༧༢) ངོས་འཛིན་འབད་ཡོདཔ་ཨིན།
རྒྱལ་ཁབ་ནང་ ད་ལྟོ་ ནད་འབུབ་ཡོད་མི་ བསྡོམ་གྱི་མི་གྲངས་ ༥༩༩ ཡོད་མི་གྲལ་ལས་ མི་གྲངས་༥༨༠ ལུ་སྨན་བཅོས་ཀྱི་ཞབས་ཏོག་སྤྲོད་དེ་ཡོད་མི་འདི་གིས་ སྨན་བཅོས་ཞབས་ཏོག་གི་ཁྱབ་ཚད་ཡང་བརྒྱ་དཔྱ་ ༩༧% ལུ་ལྷོད་དེ་ཡོདཔ་ཨིན།
ད་ལྟོ་ཚུན་ཚོད་ ནད་འབུབ་ཡོད་མི་སྙན་ཞུའི་ཐོ་དང་འཁྲིལ་བ་ཅིན་ བརྒྱ་དཔྱ ༧༠% འདི་ ལོ་ཚད་ ༢༥-༤༩ ནང་འཁོད་ཨིནམ་མ་ཚད་ བརྒྱ་དཔྱ ༡༤% འདི་ལོ་ཚད་ ༡༥-༢༤ བར་ན་ཨིན་པས། དེ་བཟུམ་ ལོ་༡༥ མན་ཆད་ བརྒྱ་དཔྱ་ ༥% དང་ ལོ་༥༠ ཡན་ཆད་ བརྒྱ་དཔྱ་ ༡༡% ཡོདཔ་ཨིན་པས། འདི་ལུ་བལྟ་བ་ཅིན་ ང་བཅས་རའི་རྒྱལ་ཁབ་ནང་ ནད་འབུབ་ཐོབ་ཡོད་མི་གེ་ར་ ལོ་ན་གཞོནམ་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ཐོན་སྐྱེད་ཅན་གྱི་ལོ་ཚན་ནང་ཨིན་པས།
ནད་འབུབ་ཐོབ་ཡོད་པའི་ངོས་འཛིན་ཡང་ བརྒྱ་དཔྱ་༢༨% ནད་འབུཔ་ཐོབ་ཡོད་མི་དང་འབྲེལ་འཐབ་མི་ བརྟག་དཔྱད་འབད་མི་དང་ བརྒྱ་དཔྱ་༢༥% ཁས་བླངས་བརྟག་དཔྱད་འབད་བའི་སྐབས་ལུ་བདའ་བཟུན་ཡོདཔ་མ་ཚད་ སྨན་བཅོས་བརྟག་དཔྱད་འབད་བའི་སྐབས་ལུ་ བརྒྱ་དཔྱ་༢༤% དང་ ཨམ་སྲུ་ཨ་ལུ་སྐྱེ་ནི་ཡོད་མི་ཚུ་ འཕྲོད་བསྟེན་བརྟག་དཔྱད་འབད་བའི་སྐབས་ལུ་ བརྒྱ་དཔྱ་༩% འགྲུལ་སྐྱོད་བརྟག་དཔྱད་ཐོག་ལས་ བརྒྱ་དཔྱ་༨% དེ་ལས་མཇུག་རང་ ཁྲག་ཞལ་འདེབས་བརྟག་དཔྱད་འབད་བའི་སྐབས་ལུ་ བརྒྱ་དཔྱ་༥% ངོས་འཛིན་འབད་ཡོདཔ་ཨིན་པས།
དེ་ལས་ནད་འབུབ་འབུ་ཐངས་ཡང་ བརྒྱ་དཔྱ་༩༤.༢% འདི་ ཉེན་སྲུང་མེད་པའི་ལུས་འབྲེལ་འབད་མི་ལུ་བརྟེན་ཏེ་ཨིན་པས། བརྒྱ་དཔྱ་༥%འདི་ ཨའི་ལས་བརྟེན་ཨ་ལུ་ལུ་འབུ་ཡོདཔ་ཨིན་པས། འདི་བཟུམ་སྦེ་ སྨྱོ་རྫས་སྨན་ཁབ་ལས་བརྟེན་བརྒྱ་དཔྱ ༠.༤% དང་ ཁྲག་བཙུགས་པའི་སྐབས་ལུ་བརྒྱ་དཔྱ་ ༠.༤% ཨིན་པས། ད་རུང་མི་ངོམ་༩ འདི་སྨན་བཅོས་བརྟག་དཔྱད་འབད་བའི་སྐབས་ལུ་བདའ་བཟུན་ཡོདཔ་མ་ཚད་ མི་ངོམ་༦ འདི་ཁས་བླངས་ཐོག་བརྟག་དཔྱད་འབད་བའི་སྐབས་ལུ་ ངོས་འཛིན་འབད་ཡོདཔ་ཨིན། དེ་ལས་ མི་ངོམ་༡ དེ་ ཨམ་སྲུ་ཨ་ལུ་སྐྱེ་ནི་ཡོད་མི་ཚུ་ འཕྲོད་བསྟེན་བརྟག་དཔྱད་འབད་བའི་སྐབས་ལུ་ངོས་འཛིན་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ནད་འབུབ་ཁྱབ་ཚད་ཀྱི་ཚད་གཞི་འདི་ དམའ་ཤོས་ཅིག་ཨིན་རུང་ འབྲུག་གཞུང་དང་གསོ་བའི་ལྷན་ཁག་ཧོངས་ལས་གོ་བ་བརྡ་སྤྲོད་དང་ བརྟག་དཔྱད་ཞབས་ཏོག་ ག་དེ་དྲགས་དྲགས་གཙོ་བོར་བསྟོན་ཏེ་ བརྟག་དཔྱད་ཀྱི་ཁྱད་པར་ བརྒྱ་དཔྱ་༤༠% འདི་ཡར་དྲགས་གཏང་ཐོག་ལས་ བརྟག་དཔྱད་ཀྱི་ཞབས་ཏོག་ཐོག་ལས་ནད་འབུབ་ཡོད་མི་ཉུང་མཐའ་རང་ མི་གྲངས་ ༡༣༠༠༠ དེ་ཅིག་བདའ་བཟུན་ཚུགས་པའི་དམིགས་པ་བསྐྱེདཔ་ཨིན། གསོ་བའི་ལྷན་ཁག་ཁ་ཐུག་ལས་ ནད་འབུབ་ཨེཆ་ཨེའི་ཝི་ནད་ཡམས་ཀྱི་སྙན་ཞུ་ཡང་ མི་མང་ལུ་ཟླཝ ༦ ལུ་ཚར་རེ་ འོས་འབབ་ཅན་གྱི་རྒྱལ་ཡོངས་ཀྱི་བརྡ་བརྒྱུད་ཀྱི་ཐོག་ལས་གསལ་བསྟོན་འབདཝ་ཨིན།
ཨེཆ་ཨའི་ཝི་ཟེར་མི་འདི་ ང་བཅས་རའི་གཟུགས་ཀྱི་ ནད་བཀག་ནིའི་སྟོབས་ཤུགས་ མར་ཉམས་བཏང་པའི་ ནད་འབུཔ་ཅིག་ཨིན། འ་ནཱི་ནད་བཀག་ནིའི་སྟོབས་ཤུགས་འདི་ གཟུགས་ནང་ལུ་ཡོད་པའི་ ཁྲག་ཁམས་དཀརཔོ་ཚུ་ཨིནམ་ལས་ འདི་ཚུ་མར་ཉམས་འགྱོ་བ་ཅིན་ རང་གི་གཟུགས་ཀྱིས་ ནད་གཞི་གཞན་ཚུ་ བཀག་ཐབས་འབད་མ་ཚུགས་པའི་ཉེན་ཁ་ཡོདཔ་ཨིན།
ག་དེམ་ཅིག་སྦེ་ ཨེཆ་ཨའི་ཝི་འདི་ སྨན་བཅོས་མ་འབད་བ་ཅིན་ ལོ་ ༡༠ ཡང་ན་ ༡༥ གི་ཤུལ་ལས་ ནད་འབུཔ་འདི་གིས་ རང་གི་གཟུགས་ཀྱི་ནད་བཀག་ནིའི་སྟོབས་ཤུགས་རྩ་མེད་བཏང་སྟེ་ ནད་གཞི་གཞན་ཚུ་ བཀག་ཐབས་རྩ་ལས་རང་འབད་མ་ཚུགསཔ་འགྱོཝ་ཨིན། རང་གི་གཟུགས་ཀྱི་གནས་སྟངས་འདི་ འ་ནཱི་བཟུམ་ཅིག་ལུ་ལྷོད་པ་ཅིན་ ནད་གཞི་ཨེཌིསི་ཐོབ་པའི་རྟགས་མཚན་ཨིན། ཨིན་རུང་ ཨེཆ་ཨའི་ཝི་འདི་ནད་གཞི་ཨེཌསི་ལུ་འགྱུར་ནི་གི་དུས་ཡུན་འདི་ མི་ངོམ་གྱི་ལོ་ཚད་དང་ སྤྱིར་བཏང་གཟུགས་ཁམས་འཕྲོད་བསྟེན་ལུ་རག་ལསཔ་ཨིན།
ཨེཌསི་འདི་ཨེཆ་ཨའི་ཝི་ལས་བརྟེན་ཐོབ་པའི་ ནད་གཞི་ཅིག་ཨིནམ་མ་གཏོགས་ ནད་འབུཔ་ཅིག་མེན། ནད་གཞི་ཨེཌིསི་འདི་ རང་གི་གཟུགས་ཀྱི་ནད་བཀའ་ནིའི་སྟོབས་ཤུགས་ རྩ་ལས་རང་མེདཔ་འགྱོ་བའི་རྟགས་ མཚན་ཅིག་ཨིན། རང་གི་ གཟུགས་ཀྱི་ནད་བཀའ་ནིའི་སྟོབས་ཤུགས་མེདཔ་འགྱོཝ་ད་ལུ་ གཞན་ན་ཚ་ཐོབ་པའི་རྟགས་མཚན་ཚུ་ཡང་སྟོནམ་ཨིན། ནད་གཞི་ཨེཌསི་འདི་ ཨེཆ་ཨའི་ཝི་ཀྱི་ གནས་རིམ་མཇུག་ཨིནམ་ལས་ སྨན་བཅོས་མ་འབད་བ་ཅིན་ སྲོག་ལུ་ཉེན་ཁ་སྦོམ་ཡོདཔ་ཨིན།
ཨེཆ་ཨེའི་ཝི་འདི་ ག་དེ་སྦེ་སྤེལཝ་ཨིན་ན་ཟེར་བ་ཅིན་ ནད་འབུཔ་ཡོད་མི་ མི་ཚུ་གི་ཁྲག་དངབརྡར་ཁུ་ མོ་མཚན་དང་ ཨ་བུག་དོང་ནང་ལས་ཐོན་པའི་ཆུའི་རིགས་ དེ་ལས་ ནད་འབུཔ་ཡོན་མི་ཨའི་གྱི་ཨོམ་ཚུ་ ནད་འབུཔ་མེད་པའི་མི་གི་ ཁྲག་དང་གཅིག་ཁར་ འབྲེལ་བ་འབྱུང་བའི་ཐོག་ལས་སྤེལཝ་ཨིན། ཨེཆ་ཨེའི་ཝི་ནད་འབུཔ་འདི་ བཤམ་ལུ་འཁོད་ཡོད་པའི་ བྱ་བ་སྤྱོད་ལམ་བཞི་གི་ཐོག་ལས་སྤེལཝ་ཨིན།
འོག་ལུ་བཀོད་ཡོད་པའི་བྱ་བ་སྤྱོད་ལམ་ཚུ་ལས་ རང་ལུ་ཨེཆ་ཨའི་ཝི་མི་ཐོབ།
ནད་འབུཔ་ཨེཆ་ཨའི་ཝི་འགོ་དང་པ་ཐོབ་ཚར་ཏེ་ བདུན་ཕྲག་ ༢ དང་ ༤ གི་ནང་འཁོད་ ཚ་རིམས་དང་འདྲ་བའི་བརྟག་མཚན་ གཟུགས་དྲོད་འབར་ནི་དང་ གྱང་ཤུགས་རྐྱབ་ནི་ དེ་ལས་ གཟུགས་ཁར་སྤོ་རོ་འཐོན་ནི་ལ་སོགས་པའི་ རྟགས་མཚན་ཚུ་སྟོནམ་ཨིན། འ་ནཱི་རྟགས་མཚན་ཚུ་ ནད་འབུཔ་ཐོབ་ཚར་ཏེ་ བདུན་ཕྲག་དག་པ་ཅིག་གི་རིང་ལུ་སྟོན་སྡོད་འོང་། ནད་འབུཔ་ཨེཆ་ཨའི་ཝི་གིས་ རང་གི་གཟུགས་ཀྱི་སྟོབས་ཤུགས་མར་ཉམས་བཏང་པའི་སྐབས་ ཉམས་ཤོར་ནི་དང་ དྲོད་འབར་ནི་ ཨ་ཝ་བཤལ་བའི་རྟགས་མཚན་ཚུ་སྟོནམ་ཨིན། ཨེཆ་ཨེའི་ཝི་འདི་སྨན་བཅོས་མ་འབད་བ་ལོ་ངོ་བཅུ་ཐམ་ལྷག་སོ་པ་ཅིན་ ནད་གཞི་ཨེཌེསི་ལུ་འགྱུརཝ་ཨིན། དེ་བསྒང་ ནད་གཞི་ཚབས་ཆེན་མ་འདྲཝ་དཔེར་ན་ བད་ཀན་ནད་གཞི་དང་ ཀེན་སར་ལ་སོགས་པ་ཚུ་གིས་ རང་གི་གཟུགས་ཁར་བཏབ་སྟེ་ ན་ཚ་འབྱུངམ་ཨིན།
པར་དབང་ གསོ་བའི་ལྷན་ཁག། པར་དབང་ཧྲིལ་བུ་ལྷན་ཁག་ལུ་ཡོདཔ་ཨིན།