རང་གིས་ག་དེ་སྦེ་དཔྱད་འབད་ནི།

བརྟག་དཔྱད་མ་འབད་བའི་ཧེ་མ་ ངེས་པར་ཚང་དགོཔ།

བརྟག་དཔྱད་ཅ་ཆས་འདི་ ཧེ་མ་ལས་ ཨེཆ་ཨའི་ཝི་ ནད་འབུཔ་འཐོབ་ཚར་མི་ཚུ་གིས་ལག་ལེན་འཐབ་མ་བཏུབ་ཨིན། དེ་ཡང་ རང་ལུ་ ཨེཆ་ཨའི་ཝི་ ནད་འབུཔ་ཡོད་རུང་ མེདཔ་འབད་སྟོན་ནིའི་ཉེན་ཁ་ཡོད།

བརྟག་དཔྱད་འབད་ནའི་རིམ་པ།

ཨེཆ་ཨའི་ཝི་ བརྟག་དཔྱད་ཅ་ཆས་ལག་ལེན་མ་འཐབ་པའི་ཧེ་མ་

  • སྐར་མ་ ༡༥ གི་རིང་ལུ་ བཟའ་འཐུང༌གི་རིགས་ག་ནི་ཡང་ཟ་ནི་མི་འོང་།
  • འདི་བཟུམ་སྦེ་ བརྟག་དཔྱད་འབད་ནི་འགོ་མ་བཙུགས་པའི་ཧེ་མ་ སྐར་མ་ ༣༠ གི་རིང་ ཁ་འཁྱུ་ནི་སྨན་རིགས་ཚུ་ལག་ལེན་འཐབ་ནི་མི་འོང་།
  • དེ་ལས་ རང་གི་ཁ་ནང་སོ་ཚབ་དང་ སོའི་རྙིའུ་སྤུབ་བཞག་ནི་ཅ་ལ་རེ་ལག་ལེན་ཐབས་ཏེ་ཡོད་པ་ཅིན་ བཏོན་བཞག་དགོ།

ཨེཆ་ཨའི་ཝི་ བརྟག་དཔྱད་ཅ་ཆས་ལག་ལེན་འཐབ་ནི་དོན་ལས་

  • ས་སྒོ་ འོད་མདངས་དེནམ་གཅིག་འཚོལ་དགོཔ་ཨིན།
  • དུས་བཀག་ནི་ཆུ་ཚོད་འཁོར་ལོ་གཅིག་ཡང་དགོཔ་ཨིན།

ཨེཆ་ཨའི་ཝི་ བརྟག་དཔྱད་འབད་ནིའི་ཅ་ཆས་ ལག་ལེན་འཐབ་ཐངས།

བརྟག་དཔྱད་ཀྱི་དོན་ལས་ ཨ་ནཱི་ཅ་ཆས་ཚུ་དགོཔ་ཨིན།

ཅ་ཆས་ཤོག་ལྟབ་ནང་ན་བརྟག་དཔྱད་ཅ་ཆས་ཀྱི་ཤོག་ལྟབ་ཆུང་བ་གཅིག་དང་ སྨན་དུང་གཟུང་ནི་གི་ཅ་ཆས་གཅིག་དེ་ལས་ ལག་ལེན་གསལ་ཤོག་གཅིག་ཡོདཔ་ཨིན།

ཤོག་ལྟབ་ཆུང་བ་ནང་ ཅ་ཆས་ཁག་གཉིས་སྦེ་ཡོདཔ་ཨིན།

སྨན་དུང་ཡོད་མི་ཤོག་ལྟབ་འདི་ཕྱེ་དགོ།

སྨན་དུང་ཁབ་ཏོ་ཕྱེ་དགོ།

སྨན་དུང་ནང་སྨན་ཆུ་ཡོད་མི་འདི་བཀོ་ནི་མི་འོང་། དེ་ལས་ འཐུང་ ནི་མི་འོང་།

སྨན་དུང་འདི་ སྨན་དུང་གཟུང་ནི་ཅ་ཆས་ནང་བཙུགས་བཞག་དགོ།

ཤོག་ལྟབ་ཆུང་བ་ནང་ཡོད་པའི་ བརྟག་དཔྱད་དུམ་འདི་སྟོན་དགོ། བརྟག་དཔྱད་དུམ་གྱི་ཟུར་ལེབ་ཏེག་ཏེ་སྦེ་ཡོད་མི་འདི་ ལགཔ་གིས་བསྐྲོག་ནི་མི་འོང་། ཤོག་ཐུམ་གཅིག་ནང་ རུལ་སྲུང་སྨན་ཡོད་མི་འདི་ ཟ་ནི་དང་ལྐོད་མར་གཏོང་ནི་མི་འོང་།

བརྟག་དཔྱད་དུམ་གྱི་ཟུར་ལེབ་ཏེག་ཏེ་སྦེ་ཡོད་མི་འདི་ རང་གི་སོ་གི་རྙིའུ་ལྟག་དང་འོག་གཉིས་ཆ་ར་གུ་ ཚར་རེ་འཕྱག་དགོ།

འདི་གི་ཤུལ་ལས་ བརྟག་དཔྱད་དུམ་གྱི་ཟུར་ལེབ་ཏེག་ཏེ་སྦེ་ཡོད་མི་འདི་ སྨན་དུང་ནང་གི་གཤམ་ རེགཔ་སྦེ་བཙུགས་བཞག་དགོ།

བརྟག་དཔྱད་གྲུབ་འབྲས་འདི་མ་བལྟ་བའི་ཧེ་མ་ དུམ་འདི་སྨན་དུང་ནང་ལུ་ སྐར་མ་ ༢༠ གི་རིང་བཞག་དགོཔ་ཨིན། བརྟག་དཔྱད་གྲུབ་འབྲས་འདི་སྐར་མ་ ༢༠ མ་ཚངམ་ལས་བལྟ་བ་ཅིན་ གྲུབ་འབྲས་འདི་བརྟན་བརྟན་སྦེ་འཐོབ་མི་ཚུགསཔ་ཨིན། གྲུབ་འབྲས་འདི་ སྐར་མ་ ༤༠ བརྒལ་ཞིནམ་ལས་ཡང་བལྟ་ནི་མི་འོང་།

བརྟག་དཔྱད་གྲུབ་འབྲས་ གོ་དོན་ལེན་ཐངས།

ཨེཆ་ཨའི་ཝི་ ཡོད་པའི་གྲུབ་འབྲས།

བརྟག་དཔྱད་དུམ་གུ་ ཡིག་རྟགས་ C དང་ T གཉིས་ཆ་རའི་ཟུར་ཁ་ ཐིག་རེ་རེ་འཐོན་ནི་དང་ ཐིག་དེ་ རབ་རིབ་ཅིག་སྦེ་ཡོད་རུང་ ཁྱོད་ལུ་ ཨེཆ་ཨའི་ཝི་ ཡོདཔ་སྦེ་སྟོནམ་ཨིན། ཨིན་རུང་ བརྟག་དཔྱད་དེ་ལོག་སྟེ་འབད་དེ་གྲུབ་འབྲས་འདི་གཏོན་འཁེལ་བཟོ་ནིའི་དོན་ལུ་ རང་སོའི་ཉེ་ འདབས་ཀྱི་གསོ་བའི་སྨན་ཁང་ནང་འགྱོ་དགོ།

ཨེཆ་ཨའི་ཝི་ མེད་པའི་གྲུབ་འབྲས།

གལ་སྲིད་ ཡི་གུ C གི་ཟུར་ཁ་ ཐིག་གཅིག་འཐོན་ནི་དང་ ཡི་གུ་ T གི་ཟུར་ཁ་ཐིག་མེད་པ་ཅིན་ ཁྱོད་ལུ་ནད་འབུཔ་ ཨེཆ་ཨའི་ཝི་ མེདཔ་སྦེ་སྟོནམ་ཨིན། ཨིན་རུང་ ཁྱོད་ཀྱི་སེམས་ཁར་ ཁྱོད་ལུ་ ཨེཆ་ཨའི་ཝི་ ཡོད་པའི་དོགས་པ་རེ་ཡོད་པ་ཅིན་ ད་རུང་ ཟླཝ་གསུམ་གྱི་རྒྱབ་ལས་ བརྟག་དཔྱད་འབད་དགོ།

ཆ་མེད་པའི་གྲུབ་འབྲས།

གལ་སྲིད་ ཡི་གུ་ C གི་ཟུར་ཁ་ ཐིག་མེདཔ་དང་ ཡང་ན་ རྒྱབ་གཞི་གི་ཚོས་གཞི་དམརཔོ་སྦེ་ གྲུབ་འབྲས་ལྷག་ནི་ལུ་དཀའ་ངལ་འབྱུང་ནི་དང་ ཡང་ན་ ཡི་གུ་ C དང་ T གཉིས་ཆ་རའི་ཟུར་ཁ་ ཐིག་མེདཔ་སྦེ་འཐོན་པ་ཅིན་ བརྟག་དཔྱད་དེ་ཚུལ་མཐུན་སྦེ་མ་འགྱོ་བའི་རྟགས་ཨིནམ་ལས་ བརྟག་དཔྱད་ཅ་ཆས་གསརཔ་ཅིག་ལག་ལེན་འཐབ་དགོ།

གྲུབ་འབྲས་ལྷག་ནི་ལུ་དཀའ་ངལ།

ཁྱོད་རའི་གྲུབ་འབྲས་ལུ་བལྟ་ཏེ་ དོགས་པ་བསགས་པ་ཅིན་ ཁྱོད་རའི་ཉེ་འདབས་ལུ་ཡོད་པའི་སྨན་ཁང་ནང་འགྱོ་དེ་ ལོག་བརྟག་དཔྱད་འབད་བ་འགྱོ་དགོཔ་ཨིན།

བརྟག་དཔྱད་འདི་འབད་ཚརཝ་ལས་

བརྟག་དཔྱད་འདི་འབད་ཚརཝ་ལས་ བརྟག་དཔྱད་དུམ་འདི་ སྨན་དུང་ནང་ལས་བཏོན་ཏེ་ སྨན་དུང་འདི་ལོག་ཁབ་ཏོ་བསྡམ་ཞིནམ་ལས་ བརྟག་དཔྱད་ཅ་ཆས་ཚུ་ག་ར་ ཕྱགས་སྙིགས་ཧོད་ནང་ལུ་བཀོ་དགོ།

play
play
play