སྒེར་དབང་སྲིད་བྱུས།

འ་ནཱི་ སྒེར་དབང་སྲིད་བྱུས་ཀྱིས་ ང་བཅས་ཀྱི་ཞབས་ཏོག་སྤྱོདཔ་ད་ལུ་ ཁྱོད་ཀྱི་ངོ་སྤྲོད་ཁ་གསལ་ཚུ་ བསྡུ་ལེན་དང་ལག་ལེན་ དེ་ལས་ གསང་བ་ཕྱིར་བཤད་འབད་ཐངས་ཀྱི་ སྲིད་བྱུས་དང་བྱ་སྒོའི་རིམ་པ་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཚུ་གི་སྐོར་ལས་བཤདཔ་མ་ཚད་ ཁྱོད་རའི་སྒེར་གྱི་རང་དབང་ཐོབ་དབང་དང་ ཁྲིམས་ལུགས་ལྟར་ ཁྱོད་ལུ་རང་དབང་གི་ཉེན་སྲུང་ ག་དེ་སྦེ་རང་ཡོདཔ་ཨིན་ན་ ཚུ་གི་སྐོར་ལས་སྟོནམ་ཨིན།

ཁྱོད་ཀྱི་ངོ་སྤྲོད་ཁ་གསལ་ཚུ་ ཞབས་ཏོག་ཕུལ་ནི་དང་ ཡར་དྲག་བཏང་ནི་ལུ་ ལག་ལེན་འཐབ་ཨིན། ཁྱོད་ཀྱིས་ འ་ནཱི་ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་པའི་སྐབས་ ཁྱོད་ཀྱིས་ངོ་སྤྲོད་ཁ་གསལ་ཚུ་ སྒེར་དབང་སྲིད་བྱུས་དང་འཁྲིལ་ཏེ་ བསྡུ་ལེན་འབད་ནི་དང་ ལག་ལེན་འཐབ་ཆོག་པའི་ངོས་ལེན་འབདཝ་ཨིན།

མི་ངོམ་གྱི་ངོ་སྤྲོད་ཁ་གསལ་དང་གནས་ཚུལ་ བསྡུ་ལེན་དང་ལག་ལེན།

Access2care ཟེར་མི་ཡོངས་འབྲེལ་འཆར་སྒོ་འདི་ རྒྱལ་གཞུང་གསོ་བའི་ལྷན་ཁག་གིས་ བཟོ་བཟོཝ་ཨིན། འ་ནཱི་ཡོངས་འབྲེལ་འཆར་སྒོ་འདི་ནང་ བསྡུ་ལེན་འབད་ཡོད་པའི་ མི་ངོམ་གྱི་ངོ་སྤྲོད་ཁ་གསལ་དང་ གནས་ཚུལ་ཚུ་གི་བདག་དབང་འདི་ གསོ་བའི་ལྷན་ཁག་རྐྱངམ་ཅིག་ལུ་ཡོདཔ་ཨིན། སྒེར་དབང་སྲིད་བྱུས་ཀྱི་གནས་ཚིག་དང་བསྟུན་ ཁྱོད་ཀྱི་ངོ་སྤྲོད་ཁ་གསལ་དང་གནས་ཚུལ་ཚུ་ གཞན་ལུ་བཙོང་ནི་དང་ གཞན་ལུ་སླབ་ནི་ དེ་ལས་ གཞན་ལུ་གླ་ཁར་བཏང་ནི་ ལ་སོགས་པའི་བྱ་བ་ཚུ་ རྩ་ལས་རང་མི་འབད། གསོ་བའི་ལྷན་ཁག་གི་ མི་ངོམ་གྱི་ངོ་སྤྲོད་ཁ་གསལ་དང་གནས་ཚུལ་ཚུ་ ཡོངས་འབྲེལ་འཆར་སྒོའི་གནས་རིམ་ལེ་ཤ་ཡོད་མི་ཚུ་ལས་ བསྡུ་ལེན་འབདཝ་ཨིན།

ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་ད་ ཐོ་བཀོད་འབད་ཐངས།

འ་ནཱི་ཡོངས་འབྲེལ་འཆར་སྒོ་འདི་ ལག་ལེན་འཐབ་ནིའི་དོན་ལུ་ ཁྱོད་ཀྱི་མིང་དང་ གློག་འཕྲིན་ཁ་བྱང་ དེ་ལས་ བརྒྱུད་འཕྲིན་ཨང་གྲངས་ཚུ་བྱིན་དགོཔ་ཨིན། ཡོངས་འབྲེལ་འཆར་སྒོའི་ཐོག་ལས་ ཞབས་ཏོག་ཕུལ་མི་ཚུ་ ལག་ལེན་འཐབ་ནི་ལུ་སྤྲོ་བ་ཡོད་པ་ཅིན་ ཁྱོད་རའི་ངོ་སྤྲོད་ཁ་གསལ་དང་བསྟུན་ གསོ་བའི་ལྷན་ཁག་གིས་ འབྲེལ་བ་འཐབ་ནི་ཨིན།

གློག་རིག་ཡོངས་འབྲེལ་གྱི་ཐབས་རིག།

ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གིས་ ཡོངས་འབྲེལ་འཆར་སྒོ་ནང་ཐོ་བཀོད་འབད་ཡོདཔ་ཤེས་ནིའི་དོན་ལས་ གློག་རིག་ཡོངས་འབྲེལ་གྱི་ཐབས་རིག་ (cookies) ལག་ལེན་འཐབ་ཨིན། ཐབས་རིག་ (cookies) འདི་གིས་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གིས་ ཡོངས་འབྲེལ་འཆར་སྒོ་ནང་ ཚར་གཅིག་ལས་ལྷག་ ཐོ་བཀོད་འབད་མ་དགོ་པར་ དུས་ཚོད་ཆུ་ཟད་མི་འགྱོ་ནིའི་ཁེ་ཕན་ཡོདཔ་ཨིན། ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གིས་ ཐབས་རིག་ (cookies) འདི་ ངོས་ལེན་མེདཔ་བཟོ་ནིའི་གདམ་ཁ་ཡོདཔ་ཨིན། ཐབས་རིག་ (cookies) ངོས་ལེན་མེདཔ་བཟོ་སྟེ་འབད་རུང་ ཡོངས་འབྲེལ་འཆར་སྒོ་འདི་ལག་ལེན་འཐབ་ཚུགསཔ་ཨིན། ཨིན་རུང་ ཡོངས་འབྲེལ་འཆར་སྒོ་ནང་ཡོད་པའི གློག་རིག་རིམ་ལུགས་གཞན་ཚུ་ ལག་ལེན་འཐབ་མ་ཚུགསཔ་མ་ཚད་ རང་གི་བསམ་འཆར་ཡང་བཀོད་མི་ཚུགསཔ་ཨིན། ཐབས་རིག་ (cookies) འདི་གིས་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་ ངོ་སྤྲོད་ཁ་གསལ་ དཔེར་ན་ རང་གི་མིང་དང་ གློག་འཕྲིན་ཁ་བྱང་ཚུ་ བསྡུ་ལེན་འབད་ནི་མེད། ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་ ཐབས་རིག་ (cookies)འདི་ལུ་ ངོས་ལེན་ཡོད་པ་ཅིན་ ཁོང་རའི་ངོ་སྤྲོད་ཁ་གསལ་ཚུ་ གཞན་ལུ་ཚོང་བསྒྲགས་འབད་ནིའི་ཉེན་ཁ་མེདཔ་ཨིན།

ཡོངས་འབྲེལ་གནས་སྡུད།

མི་དམངས་ཀྱིས་ ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་འདི་ལག་ལེན་འཐབ་ད་ ཁོང་རའི་གློག་ཆས་ཀྱི་ཡོངས་འབྲེལ་ཨང་གྲངས་ (IP address) ཚུ་ངོས་འཛིན་འབད་དེ་ གསོ་བའི་ལྷན་ཁག་གིས་ ཡོངས་འབྲེལ་འཆར་སྒོ་འདི་ ག་གིས་ལག་ལེན་འཐབ་ཨིན་ན་ ཞབས་ཏོག་ག་དེ་སྦེ་སྤྱོདཔ་ཨིན་ན་ དེ་ལས་ ལག་ལེན་འཐབ་མི་ཚུ་གི་ ངོ་སྤྲོད་ཁ་གསལ་དང་གནས་ཚུལ་ཚུ་ ཡོངས་འབྲེལ་འཆར་སྒོ་འཛིན་སྐྱོང་འཐབ་ནི་དང་ གནས་སྡུད་སྙན་ཞུ་ཚུ་ མ་དངུལ་གྲོག་རམ་འཚོལ་ནིའི་དོན་ལས་ ལག་ལེན་འཐབ་ནི་ཨིན། གློག་ཆས་ཀྱི་ཡོངས་འབྲེལ་ཨང་གྲངས་ (IP address)འདི་ ཡོངས་འབྲེལ་ལག་ལེན་འཐབ་མི་ཚུ་གི་ ངོ་སྤྲོད་ཁ་གསལ་དང་གཅིག་ཁར་འབྲེལ་མཐུད་མེདཔ་ཨིན།

གནས་ཚུལ་བརྗེ་སོར།

ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་ གནས་སྡུད་སྙན་ཞུ་ཚུ་ གསོ་བའི་ལྷན་ཁག་དང་ འབྲེལ་བ་ཡོད་པའི་ཡིག་ཚང་དང་ མ་དངུལ་རྒྱབ་སྐྱོར་གནང་མི་ ཡིག་ཚང་ཚུ་དང་གཅིག་ཁར་ བརྗེ་སོར་འབད་ནི་ཨིན། གནས་སྡུད་སྙན་ཞུ་འདི་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་ ངོ་སྤྲོད་ཁ་གསལ་དང་གཅིག་ཁར་འབྲེལ་མཐུད་མེད། གནས་སྡུད་སྙན་ཞུ་ཚུ་ གོང་ལུ་འཁོད་དེ་ཡོད་པའི་ཡིག་ཚང་ཚུ་དང་ བརྗེ་སོར་འབད་དགོ་མི་འདི་ཡང་ ཁོང་ལས་མ་དངུལ་གྲོགས་རམ་འཚོལ་ཏེ་ ང་བཅས་རའི་ཞབས་ཏོག་འདི་ མི་དམངས་ལུ་ གོང་ཚད་རན་ཏོང་ཏོ་ཡང་ན་ རིན་མེད་སྟོང་པ་སྦེ་ བྱིན་ཐབས་ལུ་དམིགས་ཏེ་ཨིན།

ཡོངས་འབྲེལ་འཆར་སྒོ་གཞན་དང་འབྲེལ་མཐུད།

Access2Care ཡོངས་འབྲེལ་འཆར་སྒོ་ནང་ གཞན་འབྲེལ་བ་ཡོད་པའི་ཡོངས་འབྲེལ་འཆར་སྒོའི་འབྲེལ་མཐུན་ཁ་བྱང་ཚུ་ཡོདཔ་ཨིན། ཡོངས་འབྲེལ་འཆར་སྒོ་གཞན་མི་ཚུ་ལག་ལེན་འཐབ་ད་ ཁོང་གི་སྒེར་དབང་སྲིད་བྱུས་དང་བྱ་བ་ཚུ་ ག་དེ་སྦེ་རང་ཡོད་ག་ གསོ་བའི་ལྷན་ཁག་གི་འགན་ཁག་འབད་མི་ཚུགས། འདི་འབདཝ་ལས་ ལག་ལེན་པ་ཚུ་གིས་ ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་ལས་བརྒྱུད་དེ་ གཞན་གྱི་ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་པའི་སྐབས་ ཁོང་གི་སྒེར་དབང་སྲིད་བྱུས་དང་ རང་གི་ངོ་སྤྲོད་ཁ་གསལ་ཚུ་ ག་དེ་སྦེ་རང་བསྡུཝ་ཨིན་ན་ ཤེས་དགོཔ་འདི་གལ་ཆེ། ནཱ་ལུ་ཡོད་པའི་སྒེར་དབང་སྲིད་བྱུས་ཀྱིས་ ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་ ངོ་སྤྲོད་ཁ་གསལ་དང་གནས་ཚུལ་བསྡུ་ལེན་འབད་ནི་རྐྱངམ་ཅིག་ལུ་ འོས་འབབ་ཡོདཔ་ཨིན།

ཉེན་སྲུང་།

གསོ་བའི་ལྷན་ཁག་གིས་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་ ངོ་སྤྲོད་ཁ་གསལ་དང་ གནས་ཚུལ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་བཞགཔ་མ་ཚད་ ཁ་གསལ་དང་གནས་ཚུལ་ཚུ་ འབྱང་སྟོར་ཤོར་ནི་དང་ ཚུལ་མིན་སྦེ་ལག་ལེན་འཐབ་ནི་ དེ་ལས་ བསྒྱུར་བཅོས་འབད་ནི་ཚུ་ འབད་མ་ཚུགས་པའི་ཉེན་སྲུང་ཐབས་ལམ་ཚུ་སྒྲིག་སྟེ་ཡོདཔ་ཨིན།

དྲི་བ་དྲིས་ལན་དང་བཀང་ཤོག།

ཡོངས་འབྲེལ་འཆར་སྒོ་འདི་ནང་ རང་གི་གཟུགས་ཁར་ ནད་འབུཔ་ཨེཆ་ཨེའི་ཝི་ཡོད་ག་མེད་ག་དབྱེ་ཞིབ་འབད་ནིའི་དོན་ལུ་ དྲི་བ་དག་པ་ཅིག་བཀོད་དེ་ཡོདཔ་ཨིན། དྲི་བ་ཚུ་གི་ལན་རྐྱབ་པའི་སྐབས་ རང་གི་ཕོ་མོའི་དབྱེ་བ་དང་ ལོ་ཚད་ དེ་ལས་ རང་གི་ལུས་འབྲེལ་དང་འབྲེལ་བའི་བྱ་བ་ཚུ་གི་ ཁ་གསལ་ཚུ་ བསྡུ་ལེན་འབདཝ་མ་གཏོགས་ རང་གི་ངོ་རྟགས་སྟོན་པའི་ཁ་གསལ་ཚུ་ བསྡུ་ལེན་འབད་ནི་མེད། དྲི་བ་ཚུ་ རང་གི་དང་འདོད་དང་འཁྲིལ་ལན་རྐྱབ་ཚུགསཔ་མ་ཚད་ ངོ་སྤྲོད་ཁ་གསལ་དང་གནས་ཚུལ་ཚུ་ ཕྱིར་བཤད་འབད་ནི་ ཡང་ན་ གསང་བ་སྦེ་བཞག་ནིའི་གདམ་ཁ་ཡང་ རང་ལུ་ཡོདཔ་ཨིན། དྲི་བ་ཚུ་ལན་རྐྱབ་ཚར་བའི་ཤུལ་ལས་ དབྱེ་ཞིབ་ཀྱི་གྲུབ་འབྲས་འདི་ འདི་འཕྲོ་ལས་གསལ་སྟོན་འབད་མི་འདི་གིས་ རང་ལུ་ནད་འབུཔ་ཨེཆ་ཨེའི་ཝི་ཡོད་ག་མེད་ག་གི་ ཉེན་ཁའི་གནས་ཚད་འདི་ ཤེས་ཚུགསཔ་ཨིན། ཨིན་རུང་ དབྱེ་ཞིབ་གྲུབ་འབྲས་འདི་གིས་ རང་གི་གཟུགས་ཁར་ ནད་འབུཔ་ཨེཆ་ཨེའི་ཝི་ཡོད་ག་མེད་ག་ ཐད་ཀར་སྟོན་མ་ཚུགསཔ་ལས་ གྲུབ་འབྲས་གཏན་འཁེལ་བཟོ་ནིའི་དོན་ལུ་ ཉེ་འདབས་ལུ་ཡོད་པའི་ སྨན་ཁང་ནང་འགྱོ་སྟེ་བརྟག་དཔྱད་འབད་དགོཔ་ཨིན།

ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གིས་ འདི་ནང་ཡོད་པའི་ དྲི་བ་ཚུ་ལན་རྐྱབ་སྟེ་ཐོབ་ཡོད་པའི་གནས་སྡུད་ཚུ་ གསོ་བའི་ལྷན་ཁག་གིས་ དམིགས་གཏད་བསྐྱེད་ཡོད་པའི་མི་རློབས་གི་བྱ་སྤྱོད་ཚུ་ དབྱེ་དཔྱད་འབད་དེ་ ཐད་ཀར་གྱི་སྲིད་བྱུས་ཚུ་བརྩམ་ནིའི་དོན་ལུ་ ལག་ལེན་འཐབ་འོང་། འདི་བཟུམ་སྦེ་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ཚུ་གི་གནས་སྡུད་ཚུ་ དབྱེ་དཔྱད་འབད་དེ་ ཡོངས་འབྲེལ་འཆར་སྒོའི་ཉེན་སྲུང་དང་ཞབས་ཏོག་ཚུ་ ལེགས་བཅོས་འབད་ནིའི་དོན་ལས་ལག་ལེན་འཐབ་ནི་ཨིན།

དུས་སྟབས་བཟོ་ནིའི་བཀང་ཤོག་ནང་ལུ་ རང་གི་མིང་དང་ གློག་འཕྲིན་ཁ་བྱང་ དེ་ལས་ བརྒྱུད་འཕྲིན་ཨང་གྲངས་ཚུ་བཀོད་དགོཔ་ཨིན། རང་གི་ངོ་སྤྲོད་ཁ་གསལ་ཚུ་ གསང་བའི་ཐོག་ལས་བཞག་ནི་དང་ གལ་སྲིད་ ཞབས་ཏོག་སྤྱོད་མི་ཚུ་ལུ་ནད་འབུཔ་ཨེཆ་ཨེའི་ཝི་གི་ཉེན་ཁ་ཡོདཔ་སྦེ་ངོས་འཛིན་འབྱུང་པ་ཅིན་ ཁོང་དང་གཅིག་ཁར་འབྲེལ་བ་འཐབ་ནིའི་དོན་ལུ་རྐྱངམ་ཅིག་ལག་ལེན་འཐབ་འོང་།

སྒེར་དབང་སྲིད་བྱུས་ དུས་མཐུན་བཟོ་ནི།

ཡོངས་འབྲེལ་འཆར་སྒོ་འདི་ནང་ཡོད་པའི་ སྒེར་དབང་སྲིད་བྱུས་འདི་ དུས་ཐོག་དང་བསྟུན་དུས་མཐུན་བཟོ་འོང་། སྒེར་དབང་སྲིད་བྱུས་ནང་ བསྒྱུར་བཅོས་འབད་ཡོད་པའི་གནད་དོན་ཚུ་ བསྐྱར་བཟོ་འབད་ཚར་བའི་སྲིད་བྱུས་འདི་ཡོངས་འབྲེལ་འཆར་སྒོ་ནང་ གསལ་བསྒྲགས་འབད་ཚརཝ་ད་ ལག་ལེན་འགོ་བཙུགས་ནི་ཨིན།

ང་བཅས་དང་གཅིག་ཁར་འབྲེལ་བ་འཐབ་སའི་ཁ་བྱང་།

ཁྱོད་ལུ་ སྒེར་དབང་སྲིད་བྱུས་དང་འབྲེལ་བའི་ དོགས་པ་དང་དྲི་བ་རེ་ཡོད་པ་ཅིན་ ང་བཅས་དང་གཅིག་ཁར་ འབྲེལ་བ་འཐབ་གནང་། འབྲེ་བ་འཐབ་ནིའི་དོན་ལུ་

གློག་འཕྲིན་ཁ་བྱང་ access2care@gmail.com

ཡོངས་འབྲེལ་འཆར་སྒོ་ www.access2care.bt

བརྒྱུད་འཕྲིན་ཨང་ +༩༧༥-༠༢-༣༣༦༠༤༢ དང་ ༣༢༩༠༨༧

འགྲེམས་ཐོག: འབྲུག་རྒྱལ་གཞུང་གསོ་བའི་ལྷན་ཁག། མི་མང་གསོ་བའི་ལས་ཁུངས། རྒྱལ་ཡོངས་ཨེཆ་ཨའི་ཝི་ཨེཌིསི་བཀག་ཐབས་ལས་རིམ་ (NACP)། ཐིམ་ཕུག་ ཀ་ཝང་བྱང་ས།