རང་གིས་བརྟག་དཔྱད་འབད་ནི་སྐོར།

ང་བཅས་ར་ འབྲུག་མི་ ཆེ་འབྲིང་ཆུང་གསུམ་ ག་ར་འབད་རུང་ རང་གི་གཟུགས་ལུ་ ནད་འབུཔ་HIV ཡོད་ག་མེད་ག་ བརྟག་དཔྱད་འབད་དགོཔ་འདི་ ག་ནི་བ་གལ་ཆེཝ་ཨིན། ནད་འབུཔ་HIV འདི་དུས་ཚོད་ཁར་ བརྟག་དཔྱད་འབད་ཚུགས་པར་ཅིན་ དུས་ཚོད་ཁར་སྨན་བཅོས་དང་བཀག་ཐབས་འབད་དེ་ རང་གི་གཟུགས་ཁམས་ སྒྲིང་སྒྲིང༌བཞག་ཚུགསཔ་ཨིན། འདི་འབདཝ་ལས་ གསོ་བའི་ལྷན་ཁག་གི་ མི་ངོམ་རང་གིས་འབད་ ནད་འབུཔ་HIV བརྟག་དཔྱད་འབད་ནིའི་དོན་ལུ་ ཐབས་ཤེས་གསརཔ་གི་ཐོག་ལས་ ཅ་ཆས་གཅིག་ གཞི་བཙུགས་འབད་དེ་ཡོདཔ་ཨིན།

ཨེཆ་ཨའི་ཝི་ ཟེར་མི་འདི་ གཟུགས་ཀྱི་ནད་ཐུབ་ནུས་ལུ་ གནོད་པ་བཀལ་མི་ནད་འབུཔ་ཅིག་ཨིན། ཨེཆ་ཨའི་ཝི་ འདི་ སྨན་བཅོས་མ་འབད་བ་ཅིན་ ནད་གཞི་ཨེཌིསི་ལུ་འགྱུར་ནི་ ཉེན་ཁ་སྦོམ་ཡོད། འདི་འབདཝ་ལས་རང་གི་གཟུགས་ཁར་ ཨེཆ་ཨའི་ཝི་ ཡོད་ག་མེད་ག་ ཤེས་དགོཔ་འདི་གནམ་མེད་ ས་མེད་གལ་ཆེ། དེ་ཡང་ ཨེཆ་ཨའི་ཝི་ འདི་རང་ལུ་ ཡོད་ག་མེད་ག་ཤེས་པ་ཅིན་ ནད་འབུཔ་འདི་ཐོབ་ནི་ལས་ སྔོན་འགོག་འབད་ནི་དང་ གཞན་ལུ་སྤེལ་ནི་ལས་བཀག་ ཚུགས་པའི་ འཆར་གཞི་ལེགས་ཤོམ་ཚུ་བརྩམ་ནི་ལུ་ ཕན་པ་སྦོམ་ཡོད།

དེང་སང་དུས་ཀྱི་ཐབས་ཤེས་གསརཔ་ཚུ་ལས་བརྟེན་ མི་རང་གིས་རང་ལུ་ནད་གཞི་འདི་བརྟག་དཔྱད་འབད་ནིའི་ ཅ་ཆས་ཅིག་འཐོན་ཏེ་ཡོདཔ་ཨིན། ཅ་ཆས་འདི་གིས་ རང་ག་ཏེ་སྡོད་རུང་ འཇམ་ཏོང་ཏོ་སྦེ་ ནད་འབུཔ་ ཨེཆ་ཨའི་ཝི་ གི་བརྟག་དཔྱད་འབད་ཚུགས། ལྷག་པར་དུ་ ལག་ཆས་འདི་ལག་ལེན་འཐབ་པ་ཅིན་ རང་གི་གཟུགས་ཁ་ལས་ཁྲག་ཡང་བཙག་མ་དགོཔ་ཨིན།

play
play
play